གསར་འགྱུར་

ཁྱིམ་བདག་ཚོགས་འདུའི་མགྲོན་བརྡ།

སྤྱི་ལོ་ ༢༠༡༩ སྤྱི་ཟླ་ ༥ ཚེས་ ༡༨ རེས་གཟའ་སྤེན་པའི་ཉིན་གུང་བཞེས་ལག་དང་འབྲེལ་ཆུ་ཚོད་ ༡༢.༡༥ ནས་ཆུ་ཚོད་ ༡༥.༠༠ བར།   ཚོགས་ཡུལ་ཞབས་གཞས་སྦྱོང་ས་ཁ་སྦྱང་
Fronwaldstrasse 92, 8046 Zürich

Einladung


༢༠༡༩ ལོའི་བོད་ཀྱི་སྐད་ཡིག་འགྲན་སྡུར་ཐེངས་དྲུག་པར་ས་གནས་འཛུ་རིག་བོད་སློབ་མཉམ་ཞུགས་གནང་གཏན་ཁེལ་ཟིན་པ་ཡིན།

 Einladung Competition 2019

 

 


 

Exkursion Völkerkundemuseum དུ་སྔ་མོ་བོད་ནས་སྐུ་ཞབས་་Heinrich Harrer ལགས་དང་ Peter Aufschnaiter ལགས་རྣམ་གཉིས་ཀྱི་མཁོ་བསྡུ་གནང་བའི་བོད་ཀྱི་གནའ་བོའི་དངོས་རྫས་འགྲེམ་སྟོན་ལ་བསྐྱོད་པ།

༢༠༡༩ ལོའི་སྤྱི་ཟླ་ ༥ པའི་ཚེས་ ༥ རེས་གཟའ་ཉི་མའི་ཉིན་རྒྱབ་༡༤ ནས་ ༡༧ བར་སློབ་མ་རྣམས་ཀྱིས་འགྲེམ་སྟོན་ལ་བལྟ་སྐོར་བྱས་པ་ཡིན།   དེ་ཡང་ང་ཚོས་རྒྱུན་དུ་རང་རེའི་ཕ་ཡུལ་གྱི་ལོ་རྒྱུས་དང་སྲོལ་རྒྱུན་གྱི་རིག་གནས་ལ་དོ་སྣང་དང་རྒྱུས་ལོན། ཧ་ཅང་གི་ཤེས་འདོད་བྱེད་ཀྱི་ཡོད་པ་རེད།

དེས་ན་སློབ་ཁང་ནང་ཤོག་བུའི་སྟེང་སློབ་འཁྲིད་གཅིག་པུ་མ་ཡིན་པར་སྐབས་རེ་ཕྱི་ལ་ཐོན་ནས་མིག་གིས་མངོན་སུམ་དུ་བལྟ་བ་དང་།  ལག་པས་མངོན་སུམ་དུ་རེག་ན་རྩེད་མོའི་འདུ་ཤེས་ལྟ་བུའི་སྟེང་ནས་ཤེས་སླ་བ་དང་དོ་སྣང་གསར་པ།  ཤེས་བྱ་གསར་པ་རག་རྒྱུའི་དགེ་མཚན་ཆེན་པོ་ལྡན་ཡོད་པས་ང་ཚོས་ཆེད་དུ་དམིགས་ནས་འགྲེམ་སྟོན་འགན་འཛིན་ལྕམ་སྐུ་ Dr. Martina Wernsdörfer ལགས་དང་མཉམ་དུ་གྲ་སྒྲིག་ཞུས་ཏེས་ཁོང་གིས་བོད་སློབ་གཅིག་པུ་ཟུར་དུ་བལྟ་སྐོར་འཁྲིད་གནང་སོང་།   བལྟ་སྐོར་ཚར་བ་དང་ཟུར་དུ་འཛིན་ཁང་ནང་མཐོང་ཚུལ་རྣམས་སྦྱོང་དེབ་ཐོག་གོ་བསྡུར་བྱས་པ་ཡིན།

 

IMG 1145


IMG 1143


IMG 1141

 

 



འཛུ་རིག་གྲོང་འཁྱེར་གྱི་དཔྱིད་ཀའི་སྲོལ་རྒྱུན་དུས་ཆེན་ Sechsilüüte Kinderumzug ཞེས་པ་ལོ་ལྟར་སྲོལ་རྒྱུན་ཆས་གོས་གྱོན་ཏེས་གྲོང་འཁྱེར་སྐོར་སྐྱོད་བྱེད་སྲོལ་ཡོད།  ༢༠༡༩ ལོའི་སྤྱི་ཟླ་ ༤ ཚེས་ ༧ ཉིན་དེ་གར་འཁེལ་བས་འདི་ག་ས་གནས་འཛུ་རིག་དང་ས་གནས་ཧོར་གྷན་གཉིས་ཀྱི་སློབ་མ་ ༥༠ ཙམ་ཞིག་སུད་བོད་མཛའ་འབྲེལ་ཚོགས་པས་མཐུན་གྱུར་རོགས་རམ་འོག་མཉམ་ཞུགས་བྱེད་ཐུབ་པ་མ་ཟད་ཧ་ཅང་གི་མི་རྣམས་ཡིད་དབང་འཕྲོག་ཐུབ་པ་བྱུང་ཡོད།   ལྷག་ཏུ་སུད་སི་བོད་ཀྱི་ཟློས་གར་ཚོགས་མི་འགས་རྔ་རྡུང་རོལ་མོ་དཀྲོལ་བ་དང་བཀྲ་ཤིས་ཞོལ་པ་འཁྲབ་པ་སོགས་ཀྱི་དུས་ཆེན་དེར་ཁ་སྐོང་གསར་པ་ཞིག་བྱས་ཡོད། 

58c05ede 78ff 40f5 89da d0417fd9483c
58c05ede 78ff 40f5 89da d0417fd9483c2

 


 

སློབ་གྲྭའི་མདུན་དུ་རླང་འཁོར་འཇོག་མི་ཆོག།

སྤྱི་ལོ་༢༠༡༨/༡༩ལོའི་སློབ་གྲྭ་གཞུང་གིས་གཏན་འབེབས་ལྟར་ན།  ནམ་རྒྱུན་སློབ་གྲྭའི་མདུན་ཐང་དུ་རླང་འཁོར་འཇོག་ས་དེར་རླང་འཁོར་འཇོག་མི་ཆོག་པའི་བཀོད་ཁྱབ་ཕེབས་སོང་བས།  དེར་རྟེན་ཁྱིམ་བདག་ཚོས་ཕྲུ་གུ་སློབ་གྲྭར་བསྐྱལ་ནས་  Migros Zentrum, Zürich-Affoltern. རླང་འཁོར་འཇོག་ས་ལམ་ཉེ་པོ་ཡོད་པས་དེ་དོན་དགོངས་འཇགས་དང་འབྲེལ།  ཉེས་པ་མི་འཕོག་ཆེད་འབོད་བསྐུལ་ཞུ་རྒྱུ་ཡིན།


ཡིག་གཟུགས་སྦྱོང་དེབ་གསར་པ།

མ་འོངས་པར་རྒན་ལགས་རྣམ་པ་དང་ང་ཚོ་མཉམ་རུབ་ཀྱིས་ཡིག་གཟུགས་སྦྱོང་དེབ་སྤུས་གཙང་ཞིག་བཟོ་ཐུབ་དམིགས་ཡུལ་ཡོད།འོན་ཀྱང་གནས་སྐབས་རིང་ཡིག་གཟུགས་སྦྱོང་དེབ་འདི་བཞིན་སློབ་ཕྲུག་ཚང་མར་བགོ་འགྲེམ་བྱེད་རྒྱུ་ཡིན་པས་ཡིག་གཟུགས་སྦྱོང་དེབ་རེར་སུད་སྒོར་ལྔ་རེ་གནང་རྒྱུ།

Schoenschrift

  


སྤྱི་ལོ་༢༠༡༨ལོའི་Weinachtsferien བར་དུ་སློབ་གྲྭའི་བྱེད་སྒོ་རྣམ་གསུམ་དང་འཆར་གཞི་ཚང་མ་འདི་ནས་འཕབ་ལེན་གནང་རོགས།

 


 

འཛིན་གྲྭ་དང་པོ་དང་གཉིས་པའི་དགེ་རྒན་གསར་འཚོལ།

རྒན་དངོས་གྲུབ་མཚོ་་མོ་ལགས་སྐུ་སྒེར་གྱི་ལས་དོན་གྱིས་རྐྱེན་པས་དགོངས་ཞུ་གནང་སོང་།   ད་བར་སློབ་འཁྲིད་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་སླད་མར་ལས་དོན་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུ།

དེས་ན་རྒན་དངོས་གྲུབ་མཚོ་མོ་ལགས་ཀྱི་སྐུ་ཚབ་རྒན་སྤེན་པ་ལགས་སྤྱི་ཟླ་དགུ་པའི་ནང་ཟླ་གཅིག་རིང་སློབ་འཁྲིད་གནང་རྒྱུའི་ཞལ་བཞེས་གནང་སོང་ཐུགས་རྗེ་ཆེ་ཞུ།   རྒན་ལགས་ལ་མཚོན་ན་ལོ་མང་རིང་ས་གནས་Horgenགྱི་བོད་སློབ་ལ་སློབ་འཁྲིད་གནང་མྱོང་བས་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད།    འོན་ཀྱང་ཁོང་སྐུ་སྒེར་གྱི་ཕྱག་ལས་ཆེད་རྒྱུན་མཐུད་གནངས་མི་ཐུབ་པས་སྤྱི་ཟླ་༡༠་པའི་ཟླ་མཇུག་བར་ང་ཚོས་འདི་ནས་རེས་གཟའ་སྤེན་པ་ནམ་ཤར་སྔ་དྲོའི་ཆུ་ཚོད་  .༠༠ནས་༡༢.༡༥བར་སློབ་འཁྲིད་གནང་ཐུབ་མཁན་གྱི་གཏན་འཇགས་དགེ་རྒན་ཞིག་ངེས་པར་འཚོལ་རྒྱུ་ཡིན།    དེ་དེ་བཞིན་ཁྱིམ་བདག་རྣམ་པ་ཚོས་ཀྱང་ངོ་ཤེས་དང་ཉེ་འབྲེལ་སོགས་དགེ་རྒན་གནང་འདོད་ཡོད་ཚེ་ཐད་ཀར་ང་ཚོར་འབྲེལ་བ་གནང་དགའ་བསུ་ཚད་མེད་ཞུ་རྒྱུ་ཡིན་པས་དེ་དོན་དགོངས་འཇགས་འཚལ།

  


ཕྱི་ལོ་༢༠༡༧ཟླ་༩ཚེས་༣༠ཉིན་ཐང་བྲིས་རྒྱུ་རྩལ་སྐོར་གཟབ་སྦྱོང་།

འཛིན་གྲྭ་གསུམ་པ་དང་བཞི་པ་གཉིས་ལ་བོད་ཀྱི་ཐང་བྲིས་རྒྱུ་རྩལ་ལ་བྱང་ཆུབ་པ་ཚེ་རྡོར་ལགས་གདན་བཞུས་ཀྱིས་བོད་ཀྱི་ཐང་བྲིས་སྐོར་གཟབ་ཁྲིད་བྱ་རྒྱུ་ཡིན། ཁོང་གིས་མི་ལོ་ལྔ་ལྷག་བོད་ཀྱི་ཐང་བྲིས་རྒྱུ་རྩལ་ལ་སྦྱང་བརྩོན་གནང་བ་དང་དེ་རྗེས་ལོ་དྲུག་ལྷག་ཐང་བྲིས་དགེ་རྒན་གནང་བ་སོགས་ཐང་བྲིས་རྒྱུ་རྩལ་ལ་མངའ་མཉེས་པ་ཞིག་ཡིན།

སློབ་ཕྲུག་རྣམས་ཀྱིས་ཞ་སྨྱུག་དང་། སུབ་བརྡ། ཐིག་ཤིང། རི་མོ་འབྲི་བྱེད་ཤོག་བུ་བཅས་མཉམ་འཁྱེར་དགོས།

  


Tangkha Malerei


ཕྱི་ལོ་༢༠༡༧ཟླ་༩ཚེས་༢༣ཉིན་རི་ཀོན་ཆོས་འཁོར་དཀོན་དུ་གཟབ་སྦྱོང་།

རི་ཀོན་ཆོས་འཁོར་དགོན་གྱིས་ལོ་ལྟར་བོད་ཕྲུག་རྣམས་གཟབ་སྦྱོང་གང་མང་ཟིག་གོ་སྒྲིགས་ཞུ་བཞིན་ཡོད་སྟབས་འཛུ་རིག་བོད་ཡིག་སློབ་གྲྭ་ནས་ཀྱང་ཕྱི་ལོ་ ༢༠༡༧ ཟླ་ ༩  ཚེས་ ༢༣ ཉིན་གྱི་གཟབ་སྦྱོང་དེར་མཉམ་ཞུགས་བྱེད་བཞིན་ཡོད།

  • བརྗོད་བཞི། བདེན་པ་བཞི་དང་འཕགས་ལམ་ཡན་ལག་བརྒྱད་ཀྱི་སྐོར།
  • ས་གནས།  རི་ཀོན་ཆོས་འཁོར་དགོན།
  • དུས་ཚོད། ཚོུད་ ༡༠:༣༠ ནས་ ༡༦:༠༠ བར།
  • གཟབ་སྦྱོང་གནང་མཁན། ཌོག་ཊར་སྐར་མ་བློ་བཟང་དང་དགེ་འདུན་པ་ལྷན་དུ།
  • ཞལ་ལག ཉིན་གུང་ཞལ་ལག་འཛུ་རིག་བོད་ཡིག་སློབ་གྲྭའི་ཕ་མ་རྣམས་ཀྱིས་གོ་སྒྲིགས་ཞུ་རྒྱུ།
  • གྱོན་ཆས།ཚང་མ་ཕྱུ་པ་གྱོན་རྒྱུ།

སློབ་ཕྲུག་ ༢༥ ཡིས་སྙན་ཞུ་འབྱོར་བ་བཞིན་ཐོ་བཀོད་ཟིན་པ་ཡིན། མེ་འཁོར་ནང་ཕེབས་མཁན་རྣམས་ལ་རི་ཀོན་ནས་དགོན་པ་བར་དུ་རླངས་འཁོར་གོ་སྒྲིག་ཞུས་ཡོད་པས་རི་ཀོན་མར་འཁོར་བབ་ཚུགས་སུ་ག་དུས་འབྱོར་མིན་གསལ་བརྡ་ཡོད་པར་ཞུ།

ཞིབ་ཕྲའི་གནས་ཚུལ་ www.tibet-institut.ch  གཟིགས་རོགས་གནང་།


ཡི་ཤུའི་སྐྱེས་སྐར་བར་གྱི་སློབ་དུས་གསར་པའི་འཆར་ཟིན་དེ་བཞིན་འདི་ནས་ download  ཕབ་ལེན་བྱ་ཐུབ།

 


སློབ་འཇུག་དང་ཕྱི་ཟླ་༨པའི་སློབ་དུས་སྐོར།

སློབ་ཕྲུག་དགོངས་ཞུ་བྱས་པ་དང་འཛིན་གྲྭ་སྒང་ལ་སྤར་བའི་རྒྱུ་ཚན་གྱིས་སློབ་དུས་འདིར་སློབ་ཕྲུག་གསར་པ་སློབ་འཇུག་བྱ་ཐུབ་པ་བྱུང་སོང་། ད་ཆ་ས་མིག་སྟོང་པ་མེད་སྟབས་སློབ་ཕྲུག་གསར་པ་སློབ་འཇུག་བྱ་ཐུབ་པ་མི་འདུག་པས་དགོངས་བཞེས་ཡོད་པར་ཞུ།